Himalayan Elders Project
  • 🙏Tashi Delek
  • Welcome
    • Karma
    • About us - ང་ཚོའི་སྐོར།
      • People
      • Our Story
      • In Media - གསར་འགྱུར་བརྒྱུད་ལམ་ཁག།
    • Programs
    • News and Events
  • Get Involved
  • Testimonials
  • Contact Us
  • Community and Cultural Resources:
    • དཔེ་དེབ་ཕབ་ལེན། Download Books
      • དཔེ་དེབ་ཕབ་ལེན། Download Books - 2
  • Health and Wellness Resources
  • Legal and Financial Support
  • Social and Community Engagement
  • Support for Caregivers
Powered by GitBook
On this page
  • 2011: Birth of an idea བསམ་བློའི་སྐྱེ་བ།
  • 2012: First step གོམ་པ་ཐོག་མ།
  • 2013: A breakthrough ཐོད་བརྒལ་ཞིག།
  • 2014: A step forward མདུན་སྐྱོད་ཀྱི་གོམ་པ་གཅིག།
  1. Welcome
  2. About us - ང་ཚོའི་སྐོར།

Our Story

PreviousPeopleNextIn Media - གསར་འགྱུར་བརྒྱུད་ལམ་ཁག།

Last updated 8 months ago

Our logo, Tse-phel (Tibetan: ཚེ་འཕེལ་), symbolizes a wish for a healthy, prosperous, and long life for our seniors. Designed in 2013 by master calligrapher Jamyang Dorjee Chakrishar, the graceful brushstroke represents the circle of life with a dignified pause, capturing the essence of care and longevity. Written on vellum paper with sumi ink, this one-of-a-kind artwork beautifully encompasses the Himalayan Elders Project’s vision of honoring and supporting our elders. The original piece is preserved at the Himalayan Elders Project. ཚེ་འཕེལ་ཞེས་པ་ནི་བོད་སྐད་དུ་བདེ་ཐང་ཕུན་སུམ་ཚོགས་པོ་དང་ཚེ་རིང་པོ་ཞིག་ལ་གོ་དགོས། ང་ཚོའི་རྒན་རྒོན་ཚོའི་ཆེད་དུ་ཡིག་གཟུགས་སྟབས་བདེ་པོ་དང་མཛེས་སྡུག་ལྡན་པ་དེ་ང་ཚོའི་རེ་བ་ཡིན་པ་དང་། དེས་ཧི་མ་ལ་ཡའི་རྒན་རྒོན་ལས་གཞིའི་འཆར་གཞི་དེ་ཁྱབ་ཡོད། ཚིག་དེ་དག་གི་མཐའ་འཁོར་དུ་བྲིས་པའི་བྲིས་རིས་དེས་མཇུག་ཏུ་གཟི་བརྗིད་ལྡན་པའི་ངང་ནས་མི་ཚེའི་སྒོར་ཐིག་མཚོན་གྱི་ཡོད། ༢༠༡༣ ལོར་ཡིག་གཟུགས་མཁས་པ་འཇམ་དབྱངས་རྡོ་རྗེ་ཅཀ་རི་ཤར་གྱིས་བཟོས་པའི་རྟགས་མཚན་གཅིག་པུ་དེ་སུ་མི་སྨྱུ་གུ་བཀོལ་ནས་ཤོག་བུའི་སྟེང་ལ་བྲིས་ཡོད། ཐོག་མའི་སྒྱུ་རྩལ་བརྩམས་ཆོས་དེ་ཧི་མ་ལ་ཡའི་རྒན་རྒོན་ལས་གཞིའི་ནང་ཉར་ཚགས་བྱས་ཡོད།

2011: Birth of an idea བསམ་བློའི་སྐྱེ་བ།

As the Himalayan community grew in New York, many seniors felt out of place, spending most of their time indoors, leading to loneliness and homesickness. The opportunity to socialize was limited to annual events. Recognizing this challenge, Thupten Sherab and Thupten Chakrishar collaborated to address the issue. Drawing on their backgrounds in social work and community organizing, they reached out to family, friends, and advisors to create a solution that would provide a supportive and engaging space for Himalayan elders. This marked the beginning of the Himalayan Elders Project.

ལོ་ཤས་རིང་ནིའུ་ཡོག་ཏུ་ཧི་མ་ལ་ཡའི་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རྒན་རྒོན་ཚོ་ཕྱི་རྒྱལ་གྱི་རྒྱལ་ཁབ་ཅིག་ཏུ་ས་ཆ་མེད་པའི་ཚོར་སྣང་བྱུང་བ་དང་། ཁོང་ཚོའི་དུས་ཚོད་མང་ཆེ་བ་ཁང་པའི་ནང་དུ་གཏོང་བ་དང་། དེར་བརྟེན་ཁོང་ཚོ་ཁེར་རྐྱང་དང་ཁྱིམ་དུ་ནད་པ་ཆགས་ཡོད། ཁོང་ཚོའི་གྲོགས་པོ་ཚོ་དང་མཉམ་དུ་འབྲེལ་བ་བྱེད་པའི་གོ་སྐབས་དེ་ལོ་ལྟར་བྱེད་སྒོ་ཁོ་ནར་ཚད་བཀག་བྱས་ཡོད། ལོ་མང་རིང་སྤྱི་ཚོགས་ཀྱི་ལས་དོན་ཆེད་དུ་ལས་ཀ་བྱེད་མཁན་ཐུབ་བསྟན་ཤེས་རབ་ཀྱིས་སྤྱི་ཚོགས་གོ་སྒྲིག་པ་ཐུབ་བསྟན་ཅཀ་རི་ཤར་དང་མཉམ་དུ་དཀའ་ངལ་འདི་སེལ་ཆེད་མཉམ་འབྲེལ་བྱས་ཡོད། ཁོང་ཚོས་ཁོང་ཚོའི་ནང་མི་དང་གྲོགས་པོ་དང་སློབ་སྟོན་པ་ཚོར་འབྲེལ་བ་བྱས།


2012: First step གོམ་པ་ཐོག་མ།

With the blessings of Sogyal Rinpoche and the support of close friends, the Himalayan Elders Project was born with a two-day picnic at Tongyi Nyingje Ling in Berne, NY. This gathering of seniors, supported by volunteers and staff, marked the first step towards creating a regular space for seniors to connect. Responding to requests, the first regular gathering was held at Dhampa Sangay Center in Queens with just nine participants. The rapid growth of the group soon presented challenges in finding a larger, affordable space.

སོག་རྒྱལ་རིན་པོ་ཆེའི་བཀའ་དྲིན་དང་གྲོགས་པོ་ཟབ་མོ་ཚོའི་རྒྱབ་སྐྱོར་འོག རིན་པོ་ཆེའི་ལྟེ་གནས་སུ་ཉིན་ ༢ རིང་སྤྲོ་འཆམ་གྱི་ལས་རིམ་ཞིག་གོ་སྒྲིག་བྱས་པ་དང་། ཏུང་ཡི་ཉིང་ཇེ་ལིང་བྷར་ནེའི་ནང་། འདི་ནི་ཧི་མ་ལ་ཡའི་རྒན་རྒོན་ལས་གཞིའི་འབྱུང་ཁུངས་དང་བསམ་གཞིག་གི་བདེན་དཔང་ཡིན། རྒན་རྒོན་ཚོར་ཏོང་དབྱི་ཉིང་ཇེ་ལིང་གི་ལས་བྱེད་པ་མ་ཟད་ང་ཚོའི་དང་བླངས་པ་དང་པོ་ཚོས་རྒྱབ་སྐྱོར་གནང་ཡོད།

གུང་གསེང་སྐབས་ཀྱི་རྒན་རྒོན་ཚོས་ང་ཚོར་ཁོང་ཚོ་ནེའུ་ཡོག་གྲོང་ཁྱེར་གྱི་ཀུའིན་སི་ལ་དུས་རྒྱུན་འཛོམས་ཐུབ་པའི་ས་ཆ་ཞིག་འཚོལ་དགོས་པའི་འབོད་སྐུལ་བྱས། ང་ཚོའི་རང་དོན་མེད་པའི་དང་བླངས་པ་ཚོའི་ཡིད་ཆེས་ཀྱི་རྒྱབ་སྐྱོར་འོག་ང་ཚོས་རྒན་རྒོན་དགུ་དང་མཉམ་དུ་ཀུའུན་སི་གྲོང་ཁྱེར་གྱི་ཇེག་སོན་མཐོ་སྒང་གི་དྷམ་པ་སང་གེ་ལྟེ་གནས་སུ་རྒན་རྒོན་འདུ་འཛོམས་ཐོག་མ་དེ་འགོ་འཛུགས་བྱས། མཉམ་ཞུགས་བྱེད་མཁན་གྱི་རྒན་རྒོན་གྱི་གྲངས་འབོར་དེ་འདྲ་མགྱོགས་པོ་འཕར་ནས་ང་ཚོས་ཟླ་བ་འགའ་ཤས་ནང་ས་ཆ་དེ་ལས་བརྒལ་ནས་ས་ཆ་ཆེན་པོ་འཚོལ་དགོས་བྱུང་། ནིའུ་ཡོག་གྲོང་ཁྱེར་གྱི་ཁང་གླའི་ཁྲོམ་ར་མཐོ་པོ་ཡོད་པའི་དབང་གིས་དབུས་སུ་གནས་པའི་ས་ཆ་ཆེན་པོ་ཞིག་རྙེད་ཐུབ་པའི་གོ་སྐབས་མེད་པ་རེད། དེ་ནི་དཀའ་ངལ་དང་འགྲན་སློང་གི་དུས་སྐབས་ཤིག་རེད།


2013: A breakthrough ཐོད་བརྒལ་ཞིག།

Sonam Sherpa, an advisor and now Chairman of the Board, introduced the newly renovated Sherpa Community Center as a potential home for the Himalayan Elders Project. With the welcoming support of the United Sherpa Association, the project moved into the center in November 2013. Grateful for this space, the project steadily expanded its offerings, including yoga, Dharma teachings, dance classes, city tours, and musical performances. Seniors enjoy free breakfast, lunch, tea, and snacks throughout the day, fostering a strong community bond.

ང་ཚོའི་སློབ་སྟོན་པ་བསོད་ནམས་ཤེར་པ་(ད་ལྟ་ཚོགས་གཙོ)ཡིས་ཉེ་ཆར་ཉོ་སྒྲུབ་དང་བསྐྱར་བཟོ་བྱས་པའི་མཛེས་སྡུག་ལྡན་པའི་ཤེར་པ་སྤྱི་ཚོགས་ལྟེ་གནས་དེ་ང་ཚོའི་དོ་སྣང་ལ་འཁྱེར་ཡོང་ཡོད། བསོད་ནམས་ཀྱིས་མཉམ་འབྲེལ་ཤེར་པ་ཚོགས་པའི་ཚོགས་གཙོ་རྣམས་དང་ལྷན་དུ་ཚོགས་འདུ་ཞིག་གོ་སྒྲིག་བྱས་པ་དང་ང་ཚོ་དགའ་སྤྲོ་ཆེ་བ་ཞིག་ལ་ཁོང་ཚོས་ང་ཚོར་ལག་ཟུང་ཕྱེ་ནས་ཕེབས་བསུ་ཞུས། ང་ཚོ་ཁོང་ཚོའི་ཁང་པ་གླ་མཁན་ཐོག་མ་ཆགས་པ་དང་༢༠༡༣ལོའི་ཟླ་༡༡པ་ནས་བཟུང་འདིར་ཡོད།

ང་ཚོས་རྒན་རྒོན་ཚོའི་ཆེད་དུ་བྱེད་སྒོ་སྣ་ཚོགས་ངོ་སྤྲོད་བྱས། ལོ་ལྟར་གྱི་ཡུལ་སྐོར་སྤྲོ་འཆམ་ལས་གཞན་ད་ལྟ་ང་ཚོར་དུས་རྒྱུན་གྱི་ཡོ་ག་འཛིན་གྲྭ་དང་། ཆོས་སློབ་ཁྲིད། ཞབས་བྲོའི་འཛིན་གྲྭ། གྲོང་ཁྱེར་ལ་ལྟ་སྐོར་། རོལ་དབྱངས་འཁྲབ་སྟོན། རྒན་རྒོན་ཚོར་ཞོགས་ཇ་དང་གུང་ཚིགས་རིན་མེད་དུ་སྤྲོད་ཀྱི་ཡོད། ཉིན་གང་བོར་ཇ་དང་ཞལ་ལག་མཁོ་འདོན་བྱས་ཡོད།


2014: A step forward མདུན་སྐྱོད་ཀྱི་གོམ་པ་གཅིག།

In November 2014, the Himalayan Elders Project was officially incorporated as a non-profit 501(c)(3) organization in New York. While continuing to provide a nurturing space for seniors in New York, the project expanded its mission to support destitute seniors in Tibetan settlements across India. Currently, the organization collaborates with community leaders in various Tibetan refugee settlements to extend as much assistance as possible, ensuring the welfare of elders both locally and internationally.

The name “Himalayan Elders Project” embodies the wishes of His Holiness the Dalai Lama regarding the importance of unity among the Gangchen pas, the people of the Himalayan region. This name reflects the organization's commitment to fostering solidarity and cultural preservation among Himalayan communities, in line with the values promoted by His Holiness. The project’s activities not only support seniors in New York but also contribute to unity and compassion among Himalayan people across the globe. “ཧི་མ་ལ་ཡའི་རྒན་རྒོན་ལས་གཞི་”ཞེས་པའི་མིང་འདིས་ཧི་མ་ལ་ཡའི་ས་ཁུལ་གྱི་གངས་ཅན་པས་མཐུན་སྒྲིལ་བྱེད་དགོས་པའི་གལ་གནད་སྐོར་༧གོང་ས་མཆོག་གི་སྨོན་འདུན་མཚོན་ཡོད། མིང་འདིས་ཚོགས་པ་དེས་ཧི་མ་ལ་ཡའི་མི་རིགས་ཁག་གི་དབར་གདུང་སེམས་མཉམ་སྐྱེད་དང་རིག་གཞུང་སྲུང་སྐྱོབ་སྤེལ་རྒྱུའི་ཆོད་སེམས་མཚོན་གྱི་ཡོད། ལས་གཞིའི་བྱེད་སྒོ་དེས་ནིའུ་ཡོག་ལ་རྒན་རྒོན་ཚོར་རྒྱབ་སྐྱོར་བྱེད་པ་མ་ཟད། འཛམ་གླིང་ཡོངས་ཀྱི་ཧི་མ་ལ་ཡའི་མི་རིགས་ཀྱི་མཐུན་སྒྲིལ་དང་སྙིང་རྗེ་ལ་ཕན་ཐོགས་ཡོད།

For updates after 2014, please check our

༢༠༡༤ ལོའི་ཟླ་ ༡༡ ནང་ང་ཚོས་ཧི་མ་ལ་ཡའི་རྒན་རྒོན་ལས་གཞི་དེ་ནིའུ་ཡོག་མངའ་སྡེའི་ནང་ཁེ་ལས་མ་ཡིན་པའི་ཁྲལ་མེད་པའི་༥༠༡(c) (༣) ཚོགས་པ་ཞིག་ཏུ་བཙུགས་ཡོད། ནིའུ་ཡོག་ནང་རྒན་རྒོན་ཚོར་དུས་ཚོད་དང་ས་ཆ་མཁོ་སྤྲོད་བྱེད་པ་དང་མཉམ་དུ་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཏུ་རྒན་རྒོན་ཚོར་རོགས་རམ་བྱེད་པའི་ལས་གཞི་འགོ་བཙུགས་ཡོད། ད་ལྟའི་ཆར་ང་ཚོས་རྒྱ་གར་ཡོངས་སུ་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་ཁག་ཏུ་སྤྱི་ཚོགས་ཀྱི་འགོ་ཁྲིད་ཚོ་དང་མཉམ་དུ་གང་ཐུབ་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། ༢༠༡༤ ལོའི་རྗེས་ཀྱི་གནས་ཚུལ་གསར་ཤོས་ལ་ང་ཚོའི་ ལ་གཟིགས་རོགས་གནང་།

Facebook Page
Facebook Page
The Logo
First 2 days picnic at Tongyi Nyingje Ling in Berne, NY. 2012
First seniors gathering at the Dhampa Sangay Center in Jackson heights, Queens. 2012
Sherpa Community Center 2013
As a new Tenant of the Sherpa Center. 2013
Member of Himalayan Elders Project and United Sherpa Association with Sogyal Rinpoche. 2014